June 17, 2019
བོད་རིགས་སྤྱི་མཐུན་ཚོགས་པ་དང་གངས་ལྗོངས་ཆོས་ལྡན་གླིང་གི་ལོ་འཁོར་ཚོགས་ཆེན་ CTAO and TCCC AGM 2019
ལོ་འཁོར་ཚོགས་ཆེན་གྱི་གསལ་བསྒྲགས། ༄༅།   བོད་རིགས་སྤྱི་མཐུན་ཚོགས་པ་དང་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་གཙོ་དང་རྒྱུན་ལས་ཐུན་མོང་ནས་འདི་ལོའི་ལོ་འཁོར་ཚོགས་ཆེན་སྐོང་ཚོགས་གནང་གཏན་འཁེལ་ཡོད་པས་ཚོགས་ཆེན་ཚོགས་ཡུལ་དང། དུས་ཚེས།    གྲོས་གཞི་ཁག་གཤམ་གསལ་ལྟར་ཡིན། ཚོགས་ཡུལ་དང་དུས་ཚེས།    ཕྱི་ལོ་ཟླ་ཚེས།     ༢༠༡༩    ཟླ་ ༦  ཚེས་ ༢༢   རེས་གཟའ་སྤེན་པ། དུས་ཚོད།           ཕྱག་ཚོད་  ༡༡  ནས། ཚོགས་ཡུལ།        གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་ཁང་ཆེ་བ།
May 16, 2019
TCCC/CTAO PRESIDENTIAL ELECTION (2019-2021) NOMINEES BIO DATA
ས་གནས་བོད་རིགས་མི་མང་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། གངས་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་དང་། ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོའི་འོས་དམིགས་འདེམས་བསྒྲུག་ཟིན་པས། འདེམས་ཐོན་བྱུང་བའི་མཚན་གཞུང་གཤམ་གསལ།   ༡༽ ཚེ་རིང་དབང་རྒྱལ་ལགས།  CLICK HERE FOR BIO DATA   ༢༽ བསོད་ནམས་དབང་ཕྱུག་ལགས། CLICK HERE FOR BIO DATA དེ་སྔོན་གསལ་སྒྲགས་ཕུལ་བ་བཞིན་ཚོགས་གཙོའི་དངོས་གཞིའི་འོས་བསྡུ་ ༢༠༡༩ ཟླ་ ༧ ཚེས་ ༦ ༸སྐུའི་འཁྲུངས་སྐར་དུས་ཆེན་སྐབས་གོ་བསྒྲིག་ཞུ་རྒྱུ་ཡིན། ཨོན་ཊེ་རི་ཡོ་ས་གནས་བོད་རིགས་འོས་བསྡུ་ཚོགས་ཆུང་ནས་ ༢༠༡༩ ཕྱི་ཟླ་
May 15, 2019
རྒྱུན་ལས་འོས་བསྡུའི་གསལ་བསྒྲགས། Board Members Nomination Notice
རྒྱུན་ལས་འོས་བསྡུའི་གསལ་བསྒྲགས།   ས་གནས་བོད་རིགས་མི་མང་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར་།  ཕྱི་ལོ་༢༠༡༩ ཕྱི་ཟླ་༧ ཚེས་༣༡ཉིན་གངས་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་དང་།  ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ད་ལྟའི་ཚོགས་གཙོ་དང་རྒྱུན་ལས་རྣམས་ཀྱི་ལས་དུས་རྫོགས་ཀྱི་ཡོད་པར་བརྟེན།   འདི་ག་ས་གནས་འོས་བསྡུ་ཚོགས་ཆུང་ནས།   ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཐེངས་༢༣ པ་དང་།  གངས་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་རྒྱུན་ལས་ཐེངས་ ༡༠ པའི་འོས་དམིགས་ཐོ་འགོད་ཞུ་རྒྱུའི་ལས་རིམ་དེ་བཞིན།   ཕྱི་ལོ་༢༠༡༩ ཕྱི་ཟླ་༥ ཚེས་༡༥ ནས། ཕྱི་ཟླ་༦ ཚེས་༡༥ བར་གནང་རྒྱུ་ཡིན། མཁྱེན་གསལ་བཞིན་དངོས་གཞི་འོས་བསྡུ་སྐབས་རྒྱུན་ལས་གྲངས་བཅུ་བཞི་འོས་འདེམས་གནང་ཆོག།   འོས་དམིགས་འགེངས་ཤོག་རྣམས་དྲ་རྒྱའི་ཁ་བྱང་
April 13, 2019
TCCC/CTAO President Nomination Notice from ECTCO
ELECTION COMMITTEE OF TIBETAN COMMUNITY IN ONTARIO – (ECTCO-2019) ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་འོས་བསྡུ་ཚོགས་ཆུང་གི་གསལ་བསྒྲགས།  ས་གནས་བོད་རིགས་མི་མང་རྣམ་པ་ལྷན་རྒྱས་ལ་དྲན་བསྐུལ་དང་བརྡ་ལན་འབུལ་རྒྱུ་ཞིག་ལ།  ཕྱི་ལོ་༢༠༡༩ ཕྱི་ཟླ་༧ ཚེས་༣༡ཉིན་ཁེ་ཎ་ཌ་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་དང་།  ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ད་ལྟའི་ཚོགས་གཙོ་དང་རྒྱུན་ལས་རྣམས་ཀྱི་ལས་དུས་རྫོགས་ཀྱི་ཡོད་པར་བརྟེན།    འདི་ག་ས་གནས་འོས་བསྡུ་ཚོགས་ཆུང་ནས།   ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་ཐེངས་༢༣ པ་དང་།  ཁེ་ཎ་ཌ་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གི་ཚོགས་གཙོ་དང་རྒྱུན་ལས་ཐེངས་ ༡༠ པའི་འོས་དམིགས་ཐོ་འགོད་ཞུ་རྒྱུའི་ལས་རིམ་དེ་བཞིན།   ཕྱི་ལོ་༢༠༡༩ ཕྱི་ཟླ་༤ ཚེས་༡༥ ཉིན་གསལ་བསྒྲགས་ཞུ་རྒྱུ་ཡིན།  འོས་དམིགས་འདེམས་བསྒྲུག་གནང་རྒྱུ་དང་།   དངོས་གཞིའི་འོས་ཤོག་འཕེན་པར་ཆ་རྐྱེན་གལ་ཆེ་ཤོས་དོ་བདག་སོ་སོའི་བོད་མིའི་དཔྱ་ཁྲལ་ལག་དེབ་དང་།   ཁེ་ཎ་ཌ་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གི་ཚོགས་མིའི་ལག་ཁྱེར་དེ་དག་ཆད་མེད་འབུལ་བཞིན་པ་ཞིག་ངེས་པར་དུ་དགོས། ཚོགས་གཙོ་འོས་འདེམས་གནང་རྒྱུའི་དུས་ཡུན།   ཕྱི་ལོ་༢༠༡༩ ཕྱི་ཟླ་༤ ཚེས་༡༥ ནས།  ཕྱི་ཟླ་༥ ཚེས་༡༢ བར། བོད་རིགས་མི་མང་ལྷན་རྒྱས་ལ་ཕྱི་ལོ་༢༠༡༩ ཕྱི་ཟླ་༤ ཚེས་༡༥ ནས།  ཕྱི་ཟླ་༥ ཚེས་༡༢