September 8, 2026
SEE Learning Workshop for High School Students at TCCC on October 3, 2026
འབྲིང་རིམ་སློབ་མ་རྣམས་ལ་དམིགས་ཏེ་གངས་ལྗོངས་ཆོས་ལྡན་གླིང་དུ་སཱི་ཤེས་ཡོན་སློབ་གསོའི་གཟབ་སྦྱོངས། སཱི་ཤེེས་ཡོན་སློབ་གསོ་ནི་རང་རེའི་་སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱི་ཁོར་ཡུག་ནང་བྱམས་སྙིང་རྗེ་དང་། དེ་དག་གཞི་རྩར་བཟུང་བའི་བཟང་སྤྱོད་གོང་སྤེལ་གཏོང་ཐབས་སུ་འཇུས་བཀོད་བྱས་པ་ཞིག་ཡིན་ཅིང་། ལས་གཞི་དེའི་ཆ་ཤས་སུ། ཊོ་རོན་ཊོ་སཱི་ཤེས་ཡོན་སློབ་གསོའི་ལས་འགུལ་ནས་རིང་མིན་ ༢༠༢༦ ཟླ་ ༡༠ ཚེས་ ༣ རེས་གཟའ་སྤེན་པའི་ཉིན་འབྲིང་རིམ་སློབ་མ་རྣམས་ལ་དམིགས་ཏེ་་སཱི་ཤེས་ཡོན་སློབ་གསོའི་གཟབ་སྦྱོང་ཉིན་གཅིག་གོ་སྒྲིག་ཞུ་གི་ཡོད། གངས་ལྗོངས་ཆོས་ལྡན་གླིང་གི་མཆོད་ཁང་དུ་འཚོག་རྒྱུའི་གཟབ་སྦྱོང་དེའ་ི་ནང་སློབ་མ་ཚོར་་དཀའ་སྡུག་ལ་གདོང་ལེན་བྱེད་པའི་སོར་ཆུད་ནུས་པ། ཡིད་བྱེད་དང་རང་བརྒྱུད་རང་ཤེས། སེམས་མྱོང་སྟངས་འཛིན། ཕན་ཚུན་འབྲེལ་འདྲིས་དང་བསམ་ཤེས། རང་གཞན་ཀུན་ལ་དམིགས་པའི་སྙིང་རྗེ་གོང་འཕེལ་གཏོང་ཐབས་བཅས་ལ་སྨན་པའི་རྩལ་རིགས་ངོ་སྤྲོད་ཞུ་གི་ཡོད། གཟབ་སྦྱོང་ནང་གཞུག་འདོད་ཡོད་པའི་འབྲིང་རིམ་སློབ་མ་ཚོས་ཕྱི་ཟླ་ ༩ པའི་ཟླ་མཇུག་ནང་ཚུད་དེབ་བསྐྱེད་གནང་དགོས། དེབ་སྐྱེལ་དོད་སྒོར་ ༢༠ རེ་ཞུ་གི་ཡོད། SEE Learning Workshop for High School