September 1, 2018
The 58th Anniversary of Tibetan Democracy Day (Mangtso Duchenand & the 12th Anniversary of the conferment of Canadian Honorary Citizenship to His Holiness the great 14th Dalai Lama of Tibet.
༄༅། བོད་རིགས་མི་མང་ཡོངས་ཀྱི་སྙན་ལམ་དུ་ཞུ་རྒྱུར། ༢༠༡༨ ཟླ་བ་ ༩ ཚེས་ ༢ ཉིན་བཙན་བྱོལ་ནང་བོད་ཀྱི་མང་གཙོ་དབུ་བརྙེས་ནས་ལོ་ངོ་ ༥༨ འཁོར་བ་དང་ ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེད་བསྟོད་ཀྱི་ཁེ་ན་ཌའི་ཡུལ་མིའི་ཕྱག་ཁྱེར་ཕུལ་ནས་ལོ་ངོ་༡༢ འཁོར་བའི་དུས་ཆེན་ཁག་གཉིས་སྲུང་རྩིའི་མཛད་སྒོ་གོ་སྒྲིགས་ཞུ་རྒྱུ་དང་དེ་ཡང་འདི་ལོའི་མཛད་སྒོའི་སྐབས་དེ་ལྟར་མགྲོན་འབོད་ཞུས་པ་བཞིན་རྒྱལ་སྤྱིའི་བོད་ཀྱི་ལས་དོན་ཁང་གི་འགན་འཛིན་གཞོན་པ་བུ་ཆུ་ཀེ་ཚེ་རིང་ལགས་སྐུ་མགྲོན་གཙོ་བོར་ཆིབས་འགྱུར་གྱིས་བོད་ཀྱི་རྩ་དོན་དང་ལས་འགུལ་ཐོག་བཀའ་སློབ་དང་ཉིན་རྒྱབ་ལ་བོད་རིགས་གཞོན་སྐྱེས་ཚོར་མི་རིགས་ཀྱི་ངོ་བོ་ དང་བོད་ཀྱི་རྩ་དོན་ཐོག་བཀའ་སློབ་དང་དྲི་བ་འདྲི་ལན་གནང་རྒྱུ་ཡིན། མི་མང་རྣམས་པ་འདུ་འཛོམས་འདི་བཞིན་གལ་ཆེར་དགོངས་ནས་ངེས་ཕེབས་ཡོང་བའི་འབོད་བསྐུལ་ཞུ། མཛད་རིམ། ཕྱག་ཚོད་༡༠ བསང་སྲོལ། ཕྱག་ཚོད། ༡༡ ཐོག་མཛད་སྒོ། ཚོགས་གཙོ་དང་རྒྱུན་ལས། ཨོན་ཌེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པ། Dear Community Members: We are celebrating the 58th anniversary
December 11, 2017
28th Anniversary of H.H. The Dalai Lama’s Nobel Peace Prize Ceremony-DECEMBER 16, 2017
༄༅།། ལོ་ལྟར་གངས་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གིས་གོ་བསྒྲིག་འོག་༧གོང་ས་ལྷ་མིའི་རྣམ་འདྲེན་༧སྤྱི་ནོར་གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་འཛམ་གླིང་ཞི་བདེའི་དེད་དཔོན་དུ་གཟེངས་བསྟོད་མངའ་གསོལ་གྱིས་ནོལ་ལྦེལ་ཞི་..