May 31, 2014
གངས་ལྗོངས་ཆོས་ལྡན་གླིང་སློབ་ཕྲུག་ཚོས་བོད་ཀྱི་ཟློས་གར་ཁྲབ་སྟོན།TCCC ANNUAL CULTURAL CONCERT by TCCC Cultural Performing Arts Students
༄༅། ས་གནས་བོད་རིགས་མི་མང་དང་གྲོགས་པོ་བརྒྱབ་བསྐྱོར་བ་རྣམ་པ་བཅས་ཀྱི་སྙན་ལམ་དུ་ཞུ་རྒྱུར། གངས་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་བལྟི་གནས་ཁང་གི་བོད་ཀྱི་ཟློས་གར་ཁྲབ་སྦྱོང་ནང་ཡོད་པའི་བོད་ཕྲུག་སློབ་མ་རྣམས་ནས་ལྷག་བསམ་ལྡན་པའི་ཟློས་དགེ་རྣམས་དང་འབྲེལ་ཡོད་ཕ་མ་རྣམས་ནས་རོགས་བསྐྱོར་ཐོག་རྒྱུན་རིང་སྤྱོང་བརྡར་གནང་བའི་བོད་ཀྱི་ཟློས་གར་ནང་ཚན་གླུ་གར་རོལ་མོ་བཅས་ཡོད་པའི་སྣ་འཛོམས་ཀྱི་ཁྲབ་སྟོན་རྒྱས་པ་ཞིག་གོ་འགྲིག་ཞུ་རྒྱུ་ལགས་ན་གཤམ་གསལ་དུ་ཚེས་ཐོག་ངེས་པར་གཟིགས་མོར་ཕེབས་གནང་ཡོང་བའི་འབོད་སྐུལ་ཞུ། ༢༠༡༤ ཟླ་ ༦ ཚེས་ ༧ དུས་ཚོདཿ ཕྱི་དྲོ་ཕྱག་ཚོདཿ ༦ ནས་ ༩ ཚོགས་ཡུལཿ གངས་ལྗོངས་ཆོས་ལྡན་གླིང་ཚོགས་ཁང་ཆེ་མོ།
May 13, 2014
༄༅།། ༧སྐྱབས་རྗེ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་ཁེ་ཎ་ཌའི་གྲོང་ཁྱེར་ཁྲོ་རོན་ཁྲོར་ཆིབས་བསྒྱུར་གྱི་ཆོས་བརྡ་གསལ་བསྒྲགས།
ཕྱི་ལོ་༢༠༡༤ ཕྱི་ཟླ་༥ ཚེས་༡༦ རེས་གཟའ་པ་སངས་ཕྱི་དྲོའི་ཕྱག་ཚོད་༥ ཐོག་ཁོན་རིགས་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་སྐུ་འཁོར་ལྷན་རྒྱས་ཁེ་ཎ་ཌའི་གྲོང་ཁྱེར་ཁྲོ་རོན་ཁྲོར་ཆིབས་བསྒྱུར་གནང་སྐབས་འདི་ག་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན་རྣམ་པ་དང་། དགོན་སྡེ་ཁག་གི་དབུ་ལས་རྣམ་པ། ཕྱོགས་བཞུགས་སྤྱི་འཐུས་རྣམ་པ། ས་གནས་ཚོགས་པ་དང་སྐྱིད་སྡུག་ཁག་གི་འགན་འཛིན་རྣམ་པ་བཅས་ནས་འཚམས་ཞུའི་མཇལ་དར་འབུལ་རྒྱུ་དང་། བཀྲིས་ཞོལ་པ་བ་ཚོས་རྔུན་བསུས་ཏེ་ས་གནས་དགེ་འདུན་པ་རྣམས་དང་མི་མང་ཡོངས་ནས་དགའ་དད་སྤྲོ་གསུམ་གྱི་ངང་ནས་ཕེབས་ལམ་གཡས་གཡོན་དུ་རུ་བསྒྲིགས་གུས་འདུད་ཀྱིས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་དང་བཅས་གངས་ལྗོངས་ཆོས་ལྡན་གླིང་དུ་ཞབས་སོར་འཁོད་འཕྲལ་ས་གནས་དགེ་འདུན་པ་རྣམས་ནས་ཞལ་འདོན་དབུ་འཛུགས་དང་འབྲེལ་འདིར་ཡོད་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་སྐྱ་ཆོས་འཁོར་གླིང་ཐུན་མོང་ནས་༧སྐྱབས་རྗེ་རིན་པོ་ཆེ་སྐུ་འཁོར་ལྷན་རྒྱས་ཁྲོ་རོན་ཁྲོ་ས་གནས་སུ་ཆིབས་བསྒྱུར་བསྐྱངས་པའི་བཀྲིས་པའི་དགའ་སྟོན་གྱི་རྟེན་འབྲེལ་མཚོན་ཕྱིར་གསོལ་ཇ་དང་འབྲས་བསིལ་འདེགས་འབུལ་ཞུ་རྒྱུ་དང་། དེའི་དགོང་དྲོ་སྐུ་འཁོར་ལྷན་རྒྱས་རི་བོ་ཆེའི་དགོན་པར་ཆིབས་ཞལ་བསྒྱུར་རྒྱུ།