ཕྱི་ལོ ༢༠༡༩ ལོའི་གངས་ལྗོངས་ཆོས་ལྡན་གླིང་གི་བོད་རིགས་ན་གཞོན་དང་གཞོན་སྐྱེས་ཁྱད་ལས་པ་ཚོར་དབྱར་ཁའི་ཟབ་སྦྱོང་།
Tibetan Canadian Cultural Centre Summer Workshop – 2019
For Tibetan Youth and Young Professionals
ཕྱི་ལོ ༢༠༡༩ ཟླ ༧ ཚེས ༡༩ དང་ ༢༠ རེས་གཟའ་པ་སངས་དང་སྤེན་པ།
Date: July 19-20, 2019 Friday and Saturday
བོད་རིགས་ན་གཞོན་དང་གཞོན་སྐྱེས་ཁྱད་ལས་པ་ཚོར་དབྱར་ཁའི་ཟབ་སྦྱོང་གསལ་བསྒྲགས།
༄༅།། གངས་ལྗོངས་ཆོས་ལྡན་གླིང་གི་གཞི་རྩའི་དགོས་དམིགས་དང་ལྷག་པར་དུ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་འཕྲལ་ཕུགས་ཀྱི་དགོས་མཁོ་ཉག་གཅིག་དང་འཆི་གསོན་གྱི་འགག་རྩ་ནི་རང་རེའི་རྩ་ཆེན་བོད་ཀྱི་ཆོས་དང་། ལེགས་བྱང་། སྐད་ཡིག་སོགས་སྲུང་སྐྱོབ་དང་། རྒྱུན་འཛིན། དར་སྤེལ་ཇི་ལྟར་གཏོང་ཐུབ་མིན་ཁོ་ནར་རག་ལས་ཡོད་པ་མ་ཟད། ང་ཚོའི་མི་རིགས་ཀྱི་ངོ་བོ་ངོས་འཛིན་གྱི་སྲོག་རྩར་གྱུར་པའི་གཅེས་ནོར་འདི་དག་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོ་ཡོང་བའི་ཐབས་ལམ་གཅིག་རང་ཡོད་པ་དེ་ནི་མི་རབས་གསར་པ་ཚོར་བརྒྱུད་སྤྲོད་གང་ལེགས་ཐུབ་དགོས་པ་དེ་ཡིན་ཞིང་། མི་རབས་གསར་པ་ཚོས་ཀྱང་རང་ཉིད་བོད་པ་ཡིན་པའི་འགན་ཁུར་དང་། ངོས་འཛིན། ངོ་བོ། རིན་ཐང་སོགས་མ་བརླག་པར་རང་དོན་རང་གཅེས་གནང་དགོས་པའི་ཆེས་ཛ་དྲག་གི་དུས་སྐབས་སུ་སླེབས་ཡོད། གོང་གསལ་གྱི་གལ་ཆེའི་རྒྱུ་མཚན་དེ་དག་ལ་བརྟེན་ནས་གངས་ལྗོངས་ཆོས་ལྡན་གླིང་གི་བོད་རིགས་ན་གཞོན་དང་གཞོན་སྐྱེས་ཁྱད་ལས་པ་ཚོར་ཆེད་དུ་དམིགས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༩ ནས་༢༠ བར་ཉིན་གྲངས་ ༢ རིང་”ཕྱི་ལོ ༢༠༡༩ ལོའི་གངས་ལྗོངས་ཆོས་ལྡན་གླིང་གི་བོད་རིགས་ན་གཞོན་དང་གཞོན་སྐྱེས་ཁྱད་ལས་པ་ཚོར་དབྱར་ཁའི་ཟབ་སྦྱོང་།” ཞེས་པའི་མིང་བྱང་འོག་གོ་སྒྲིག་ཞུ་རྒྱུ་ཡིན་པ་དང་། ཟབ་སྦྱོང་གི་བརྗོད་གཞི་ཁག་ནི་ནང་ཆོས་དང་། སྒོམ། སེམས་ཁམས་འཕྲོད་བསྟེན། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། བོད་ཀྱི་སྐད་ཡིག དབུས་བོད་མིའི་སྒྲིག་འཛུགས་སྐོར། གཞོན་སྐྱེས་འབྲེལ་ལམ་དང་སྣེ་ཁྲིད་ཀྱིས་མཚོན་པའི་དགའ་མོས་བྱེད་འོས་པའི་བྱེད་སྒོ་གཞན་སོགས་མང་པོ་ཚུད་ཡོད།
ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོར་༸སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་ཕེབས་རྒྱུ་ཡིན་པ་དང་། ཟབ་ཁྲིད་གནང་མཁན་ཁྱད་མཁས་མི་སྣ་ནི་སློབ་དཔོན་རོ་བྷིཊི་ཐུར་མན་དང་། དགེ་བཤེས་དགྲ་འདུལ་རྣམ་རྒྱལ། དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གྷེ། བཀའ་ཟུར་བདེ་སྐྱིད་ཆོས་དབྱངས། བློ་བཟང་ཤཱསྟྲི་བཅས་ཆེད་དུ་གདན་ཞུ་ཞུས་པ་རྣམས་ཡིན།
ཟབ་སྦྱོང་གི་ས་མིག་ལ་ཚད་གཞི་ཡོད་པས་སུས་སྔོན་ལ་ཐོ་འགོད་གནང་ན་དེ་ལ་གོ་སྐབས་དང་པོ་འབུལ་རྒྱུ་ཡིན་པ་དང་། འཛུལ་ཞུགས་ཆེད་དུ་ཁེ་སྒོར་ ༥༥ འབུལ་དགོས། རྩ་ཆེའི་གོ་སྐབས་འདི་དམ་འཛིན་གྱིས་གང་མང་འཛུལ་ཞུགས་ཡོང་བའི་ནན་སྐུལ་ཞུ་རྒྱུ་ཡིན།
དེ་སྔོན་ཟབ་སྦྱོང་ལ་འཛུལ་ཞུགས་ཆེད་སྒོར་༡༢༠ གནང་ཟིན་པ་ཚོར་སྒོར་༦༥ཐམ་པ་ཕྱིར་སློག་ཞུ་རྒྱུ་ཡིན་པ་དང་འབྲེལ་ཡོད་ནས་གངས་ལྗོངས་ཆོས་ལྡན་གླིང་ཡིག་ཚང་ལ་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ།
ཐེངས་འདིའི་དབྱར་ཁའི་ཟབ་སྦྱོང་ལ་ཞུགས་བློ་ཡོད་རིགས་གཞོན་ནུ་དང་ན་གཞོན་ཁྱད་ལས་པ་རྣམས་ཀྱིས་གཤམ་གྱི་དྲ་ཐག་བརྒྱུད་འགེངས་ཤོག་ཆད་ལུས་མེད་པར་བཀང་ནས་འབུལ་དགོས་པ་དགོངས་འཇགས་ཞུ།
In alignment with the goals and objectives of the Tibetan Canadian Cultural Centre (TCCC) to preserve, share and disseminate the precious Tibetan spirituality, cultural-heritage, language, and arts we pleased to offer a three-day workshop on the following topics of interest:
-Meditation
-Mental Health
-His Holiness the Dalai Lama’s “Secular Ethics”
-Buddhism
-Tibetan Language
-Central Tibetan Administration
-Leadership development, and other topics for Tibetan youth and young professionals.
We are very fortunate to have His Eminence Kyabje Ling Ripoche’s presence as he will inaugurate the workshop and deliver the keynote speech.
Some of the well-known contemporary teachers of Tibetan Buddhism that will be participating as workshop resource persons include Prof. Bob Thurman (Columbia University), Geshe Dadul Namgyal (Emory University), Geshe Lobsang Tenzin Negi (Emory University) Mr. Lobsang Shastri (Harvard University), in addition Kasur Dicki Chhoyang will also be in attendance amongst other guests.
Seats are limited for this workshop so we encourage you to register online. (Please click on the registration link below)
To defray costs associated with the workshop there is a nominal fee of $55 per participant.
Please note that we will be making refund of $65 to all those who had registered and paid $120. Please contact our office for the refund.
We urge our youth and young professionals to participate in this wonderful opportunity to engage with others and learn more about our Buddhist cultural heritage, His Holiness the Dalai Lama’s Secular Ethics and other relevant topics.
Workshop Date and Venue:
Date: July 19-20, 2019
Venue: Tibetan Canadian Cultural Centre
40 Titan Rd. Etobicoke ON M8Z2J8
For more information please contact our office.
President and Board
Tibetan Canadian Cultural Centre
Registration Deadline: July 7, 2019