གངས་ལྗོངས་ཆོས་ལྡན་གླིང་གི་དྲྭ་ཐོག་བོད་ཡིག་འཛིན་གྲྭ།
འཛིན་གྲྭ་འགོ་འཚུགས། ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༥ Click Here to Register
དྲྭ་ཐོག་འཛིན་གྲྭ་འདིའི་ནང་ཨོན་ཌེ་རི་ཡོར་གནས་སྡོད་བོད་ཕྲུག་སུས་ཀྱང་འཛུལ་ཞུགས་བྱེད་ཆོག འཛིན་གྲྭ་འདི་བཞིན་སློབ་དགེ་རྣམ་པས་ Zoom ཞེས་པའི་འཕྲུལ་ལས་དྲྭ་བརྙན་བེད་སྤྱོད་གནང་སྟེ་སློབ་འཁྲིད་གནང་རྒྱུ། དེ་ཡང་བྱིས་པའི་སྐད་ཡིག་གི་གནས་ཚད་དང་ལོ་ཚད་ལ་གཞིགས་ཏེ་ཕ་མ་ཚོས་རང་སོ་སོའི་ཕྲུ་གུར་འཛིན་གྲྭ་ཇི་དགོས་འདེམས་སྒྲུག་བྱེད་ཆོག སློབ་ཚན་གཙོ་བོ་བོད་ཡིག་འབྲི་ཀློག་གི་སྦྱོང་བརྡར་དང་། བོད་སྐད་ཤོད་སྟངས། དེ་བཞིན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་རིག་གཞུང་ཡིན།
དྲྭ་ཐོག་འཛིན་གྲྭའི་ནང་དེབ་སྐྱེལ་གནང་འདོད་ཡོད་མཁན་ཚོས་གཤམ་གསལ་དྲྭ་ཐག་སྣོན་ཏེ་དེབ་སྐྱེལ་འགེངས་ཤོག་ཆ་ཚང་བཀང་དགོས། གལ་ཏེ་དེབ་སྐྱེལ་དང་འབྲེལ་བའི་ཐད་དྲི་བ་འདྲ་ཡོད་ན་ཁྱེད་རྣམ་པས་མྱུར་འཕྲིན་ programs@tcccgc.org དང་ཁ་དཔར་ཨང་གྲྭངས་ 647-760-2168 བརྒྱུད་ང་ཚོར་འབྲེལ་གཏུགས་གནང་རོགས།
ཁྱེད་རྣམ་པས་སོ་སོའི་ཕྲུ་གུ་རྣམས་དྲྭ་ཐོག་འཛིན་གྲྭ་འདིར་དེབ་སྐྱེལ་གནང་བ་འདིས་གངས་ལྗོང་ཆོས་ལྡན་གླིང་གི་གཟའ་འཇུག་སློབ་གྲྭས་དྲྭ་ཐོག་འཛིན་གྲྭ་ལམ་ལྷོང་ཡོང་ཆེད་གཏན་འབེབས་གནང་བའི་ལམ་སྟོན་སྒྲིག་གཞིར་ངོས་ལེན་དང་མོས་མཐུན་ཡོད་པར་མཚོན་གྱི་ཡོད་པས་དེ་དོན་ཡིད་འཛགས་འཚལ།།
TIBETAN LANGUAGE ONLINE CLASSES
Class Start date: Sunday, Apr 5, 2020. Click Here to Register
This language program is open to any Tibetan children in Ontario. It will be led by teachers using a video conference technology called ZOOM. Based on children’s language proficiency or age limit, parents can select classes for their children. The lessons will focus primarily on improving Tibetan conversational skills, reading, writing and basic knowledge of Tibetan history and culture.
If you have questions regarding the registration, you can email us at programs@tcccgc.org or call at 647 760 2168.
By registering your child/children to the online program on this website, you acknowledge and agree to the Guidelines made by TCCC Sunday School to create a safe and respectful virtual learning environment for children.
གློག་ཀླད་ཀྱི་མཉེན་ཆས་zoom ཞེས་པ་ག་འདྲེས་ཕབ་ལེན་བྱེད་དགོས་པ་གཤམ་གསལ།
།༡༽ འོག་གི་དྲ་རྒྱ་ནང་འགྲོ་རྒྱུ།www.zoom.us/download༢༽ Sign up , it’s free ཞེས་པ་གནོན་རྒྱུ་དང་ སོ་སོའི་ཁ་བྱང་གསར་པ་བཟོ་དགོས།༣༽ དེ་རྗེས་ Download ཞེས་པ་གནོན་པ་དང་ ཀློག་ཀླད་ཀྱི་ཕབ་ལེན་བྱེད་སའི་སྒམ་ཆུང་ནང་ཕེབས་རོགས།༤༽ དེ་ནང་ zoom.pkg ཞེས་པ་ཕབ་ལེན་བྱེད་རྒྱུ།
How to download and use Zoom meeting application?
- Visit zoom.us/download to choose to “sign in” to make a new account.
- Download installation file, which will not take more than 1 minute.
- Once download has completed, click on zoom installer file to start the meeting.
- On the day of your Virtual Class, Click on the zoom link next to the class schedule or timing to join.