CTAO & TCCC AGM 2018
Tibetan Canadian Cultural Centre 40 Titan Road, Etobicoke, Ontario, Canadaལོ་འཁོར་ཚོགས་ཆེན་གྱི་གསལ་བརྡ། ༄༅། བོད་རིགས་སྤྱི་མཐུན་ཚོགས་པ་དང་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་གཙོ་དང་རྒྱུན་ལས་ཐུན་མོང་ནས་འདི་ལོ་ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པ་དང་གངས་ལྗོངས་ཆོས་ལྡན་གླིང་གི་ལོ་འཁོར་ཚོགས་ཆེན་བཀོང་ཚོགས་གནང་གཏན་འཁེལ་བ་ལགས་ན་ཚོགས་ཆེན་ཚོགས་ཡུལ་དང། དུས་ཚེས། གྲོས་གཞི་ཁག་གཤམ་གསལ་ལྟར་ཡིན། ཚོགས་ཡུལ་དང་དུས་ཚེས། ཕྱི་ལོ་ཟླ་ཚེས། ༢༠༡༨ ཟླ། ༨ ཚེས། ༥ རེས་གཟའ་ཉི་མ། དུས་ཚོད། ཕྱི་དྲོ་ཕྱག་ཚོད་ ༣ ནས། ཚོགས་ཡུལ། གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་ཁང་ཆེ་བ། གངས་ལྗོངས་ཆོས་ལྡན་གླིང་གི་ལོ་འཁོར་ཚོགས་ཆེན་གི་གྲོས་གཞི་ཁག ། ༡༽ སྔ་ལོའི་ལོ་འཁོར་ཚོགས་ཆེན་གྱི་གྲོས་ཆོད་ཁག་ལ་བཀའ་འཁྲོལ་ཞུ་རྒྱུ། ༢༽ རྩིས་ལོ་ ༢༠༡༦ ཟླ་༨ ཚེས་༡་ ནས་༢༠༡༧ ཟླ་ ༧ ཚེས་ ༣༡་ལོའི་རྩིས་ཞིབ་ཟིན་པའི་རྩིེས་ཁྲ་སྙན་སྒྲོན། ༣༽ རྩིས་ལོ་ ༢༠༡༧ ནས་༢༠༡༨ ལོའི་རྩིས་ཁྲ་རགས་ཟིན་སྤྱན་འབུལ། ༤༽ གངས་ལྗོངས་ཆོས་ལྡན་གླིང་མཆོད་ཁང་གསར་རྒྱག་དང་འབྲེལ་བའི་འགྲོ་གྲོན་དང་དངུལ་ཡོང་འབབ་དཔྱད་ཞིབ་སྤྱན་འབུལ། ༥༽ རྩིས་ཞིབ་པ་བཀའ་འཁྲོལ་ཞུ་རྒྱུ། ༦༽ གངས་ལྗོངས་ཆོས་ལྡན་གླིང་གི་རྩ་ཁྲིམས་ནང་གི་དོན་ཚན་ ༤་༦ ལ་བསྐྱར་བཅོས། (ཚོགས་པ་དང་སྤྱི་ཁང་གི་ལོ་འཁོར་ཚོགས་ཆེན་དང་དམིགས་གསལ་ཚོགས་ཆེན་སྐབས་ཐག་གཅོད་དབང་ཚད་ཆེད་དགོས་ངེས་ཚོགས་མིའི་གྲངས་ཚད་ བརྒྱ་ཆ་༣༣ ལས་མི་ཉུང་བ་ཡང་ན་འོས་འཕེན་ཆོག་པའི་ཚོགས་མི་གྲངས་༢༠༠ དགོས་པ་འཁོད་ཡོད། ད་བར་དེ་ལྟ་བུའི་གྲངས་ཚད་ལོན་རྒྱུ་ཁག་པོ་ཆགས་ཡོད། […]