
- This event has passed.
Chotrul Duechen – Choenga Choepa
March 9, 2020 @ 5:00 pm - 8:00 pm
༄༅།། ས་གནས་སེར་སྐྱ་མི་མང་ཡོངས་ལ།
ཞུ་གསོལ། ཕྱི་ལོ་༢༠༢༠ ཟླ་༣ ཚེས་༩ རེས་གཟའ་ཟླ་བ་ཉིན་བོད་ཟླ་༡ ཚེས་༡༥ འཁེལ་ཡོད་པ་དང་།དུས་ཚེས་བཟང་པོ་དེ་ནི་ཆོ་འཕྲུལ་དུས་ཆེན་ཞེས་འཛམ་གླིང་གང་སར་ཡོད་པའི་སྟོན་པའི་རྗེས་འཇུག་ཀུན་གྱིས་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། འདི་ག་གངས་ལྗོངས་ཆོས་ལྡན་གླིང་དུ་ཡང་སེར་སྐྱ་མི་མང་མཉམ་འཛོམས་ཀྱིས་ཕྱི་དྲོ་ཕྱག་ཚོད་ ༥ ནས་ ༨ བར་སྨོན་ལམ་ཞལ་འདོན་དང་གསོལ་ཚོགས་རྒྱས་པ་ཞིག་གོ་སྒྲིག་ཞུ་རྒྱུ་ལགས་ན། མི་མང་གང་མང་མཉམ་ཞུགས་ཡོང་བའི་གསལ་བསྒྲགས་སུ།
Community Prayer and Tsok Offering Monday March 9, 2020 at 5PM to 8PM to observe Chotrul Duechen
གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་གཙོ་དང་རྒྱུན་ལས་ཐུན་མོང་ནས།
དུས་ཆེན་ངོ་སྤྲོད་སྙིང་བསྡུས་དྲ་རྒྱ་ནས་ལེན་པ་གཤམ་གསལ།
ཆོ་འཕྲུལ་དུས་ཆེན་ནི། སྟོན་པ་ཐུབ་པའི་དབང་བོ་དེ་ཉིད་ཀྱིས་མཉན་ཡོད་དུ་རྫོགས་བྱེད་ལ་སོགས་པ་མུ་སྟེགས་ཀྱི་སྟོན་པ་དྲུག་བཏུལ་བའི་ཆོ་འཕྲུལ་གྱི་མཛད་པ་ཡང་དག་པར་བསྟན་པ་ལས་རྒྱ་གར་འཕགས་པའི་ཡུལ་དང་བོད་གངས་ཅན་གྱི་ལྗོངས་འདིར་ཡང་ཆོ་འཕྲུལ་གྱི་མཆོད་པའི་སྲོལ་རྒྱ་ཆེར་དར། འཇམ་མགོན་བླ་མ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོས་རབ་བྱུང་དགུ་བའི་ས་གླང་གི་ལོར(1409)ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་དུ་ཀུན་ཏུ་བཟང་བོའི་མཆོད་སྤྲིན་ལ་འགྲན་པར་ནུས་པའི་མཆོད་པའི་རྣམ་གྲངས་མཐས་ཡས་པ་དང་། དགེ་འདུན་ཁྲི་ར་ཅན་འཚོགས་པས་ལྷ་སའི་སྨོན་ལམ་ཆེན་མོར་གྲགས་པའི་ཆོ་འཕྲུལ་གྱི་མཛད་པ་ནི་རྒྱལ་བ་རང་ཉིད་ཀྱིས་མདོ་ལས་ལུང་བསྟན་པའི་མཛད་པ་ཁྱད་པར་ཅན་ཡིན་ནོ།།
The Fifteen Days of Miracles—from the first day of the Tibetan new year (Losar, February 24) until the fifteenth (March 9)—commemorate the special time when Guru Shakyamuni Buddha showed miraculous powers in order to subdue six tirthika, or non-Buddhist teachers, who lacked faith in him, and to inspire more faith in his followers. It culminates on the full moon, the fifteenth day of the lunar calendar, which is the actual day of Chotrul Duchen.