November 12, 2022
དེ་རིང་སྐལ་བཟང་གི་ཉིན་མོ་དེར་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་གཙོ་སྐལ་བཟང་ཕུན་ཚོགས་དང་ཤེས་ཡོན་འགན་འཛིན་གཡུང་དྲུང་བསྟན་འཛིན་གཉིས་ལ་ཞལ་མཇལ་ཐོབ་པ་དང་ཚོགས་པའི་ལས་བསྡོམས་སྙིང་བསྡུས་ཤིག་༧གོང་ས་སྐྱབས་མགོན་ཆེན་པོའི་སྤྱན་ལམ་དུ་ཕུལ་རྒྱུའི་གོ་སྐབས་བཟང་པོ་བྱུང་བ་ལགས་ན། ༧ མགོན་པོ་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོའི་ཐོག་ནས་བསྔགས་བརྗོད་དང་སྦྲགས་ལྷག་དོན་བོད་པའི་ཆོས་དང་རིག་གཞུང་སྐད་ཡིག་ཐད་ལ་ད་དུང་ཡང་སྔར་ལས་ལྷག་པའི་འབད་བརྩོན་གནང་དགོས་པའི་བཀའ་སློབ་གཟབ་མོ་ཕེབས་སོང་། ཕྱི་ལོ་༢༠༢༢ ཟླ་ ༡༠ ཚེས་ ༢༢ ཉིན།