April 12, 2014
༢༠༡༤ ཕྱི་ཟླ་ ༥ ཚེས་ ༡༩ ཉིན་ ༧སྐྱབས་རྗེ་ས་སྐྱ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུ་རྒྱུ་།May 19, 2014 – H.H. Sakya Gongma Rinpoche Tenshug offering
དེ་སྔོན་གསལ་བསྒྲགས་ཞུས་པ་གཞིར་བཟུང་ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༥ ཚེས་ ༡༩ ཉིན་རང་རེ་གངས་ལྗོངས་ཆོས་ལྡན་གླིང་ཚོགས་པ་དང་། ནང་པའི་ཆོས་ཚོགས་ཁག ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག ། སྐྱིད་སྡུག་ཁག ། སློབ་ཟུར་ཚོགས་པ་ཁག་བཅས་ཐུན་མོང་ནས་ ༧སྐྱབས་རྗེ་ས་སྐྱ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུ་རྒྱུ་དང་། ༧སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་ འདི་གའི་འདུས་མང་ཡོངས་ལ་ཞེན་པ་བཞི་བྲལ་གྱི་གསུང་ཆོས་དང་། ཚེ་དབང་ལོ་བརྒྱ་མའི་བཀའ་དབང་བཀའ་དྲིན་བརྩལ་རྒྱུ།
March 11, 2014
གངས་ལྗོངས་ཆོས་ལྡན་གླིང་གི་གསལ་བསྒྲགས།།
ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༣ ཚེས་ ༩  རེས་གཟའ་ཉི་མའི་ཐོ་རེངས་ཀྱི་སྐབས་དེར་རྐྱེན་ངན་ཚབས་ཆེན་བྱུང་བའི་ཧ་ཅང་ཡིད་སྐྱོའི་གནས་ཚུལ་གོ་ཐོས་ཀྱིས་འདི་ག་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་པའི་རྒྱུན་ལས་རྣམས་ཧ་ཅང་བློ་ཕམ་ཚད་མེད་བྱུང་།རྐྱེན་ངན་དེའི་ནང་འདས་གྲོངས་སོང་བ་དང་།   རྨས་སྐྱོན་བྱུང་བའི་བོད་མི་དེ་གཉིས་ཀྱི་ནང་མི་སྤུན་མཆེད་རྣམས་ལ་འདི་གའི་རྒྱུན་ལས་རྣམས་ནས་སེམས་ཚོར་ཆེན་པོའི་སྒོ་ནས་ཐུགས་གསོ་དང་།   གདུང་སེམས་མཉམ་བསྐྱེད་ཞུ་ཡི་ཡོད། གདུགས་རྩུབ་ཅན་གྱི་དྲག་སྤྱོད་དེ་ལ་བརྟེན་ནས་རང་རེའི་བོད་མི་གཞོན་སྐྱེས་ཤིག་གི་གཅེས་པའི་སྲོག་དོན་མེད་དོར་དགོས་བྱུང་བར་བརྟེན།   དེ་ལྟ་བུའི་ཆེས་གདུགས་རྩུབ་ཅན་གྱི་དྲག་སྤྱོད་ལ་རང་རེ་ཚང་མས་མཐའ་གཅིག་ཏུ་ངོ་རྒོལ་དང་དམའ་འབེབས་ཞུ་ཡི་ཡོད།
March 11, 2014
Statement by Tibetan Canadian Cultural Centre
  Tibetan Canadian Cultural Centre is deeply saddened to learn about the tragic incident that took place early Sunday morning. We would like to express our heartfelt condolences and offer our support