ལོ་འཇུག་འབོད་སྐུལ། YEAR END APPEAL
༄༅། །ལྷག་བསམ་མཚུངས་མེད་ས་གནས་བོད་རིགས་ཡོངས་དང་བོད་ཀྱི་གྲོགས་པོ་ལྷན་རྒྱས་མཆོག་ལ།
ཆེད་ཞུ། འདི་ལོར་ནད་ཡམས་ཀྱིས་རྐྱེན་པས་བྱུང་མ་མྱོང་བའི་ང་ཚོའི་སྤྱི་ཚོགས་ཁྱོན་ཡོངས་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་ཀུན་གྱིས་མཁྱེན་གསལ་ཡིན། འོན་ཀྱང་ང་ཚོའི་རྒྱལ་ཁབ་བཟང་པོ་འདིས་སྤྱི་སྒེར་ས་ཡ་མང་པོར་དཔལ་འབྱོར་གྱི་རོགས་སྐྱོར་དང་། འཕྲོད་བསྟེན་གྱི་མཐུན་འགྱུར་ལམ་སྟོན་བཟང་པོ་གནང་བར་བརྟེན། ཚང་མས་དཀའ་ངལ་ལ་གདུང་ལེན་བྱས་ཏེ་བདེ་བར་འཚོ་གནས་ཐུབ་བཞིན་པ་ནི་ང་ཚོ་ཚང་མའི་བསོད་ནམས་ཤིག་རེད་སྙམ་ཡོད། གུས་པའི་ཡོངས་གསལ་འདི་བརྒྱུད་ནས་ཞུ་དོན། ང་ཚོ་ཚང་མ་ནད་ཡམས་འདིའི་དཀའ་ངལ་འོག་མ་ཚུད་པར་བདེ་བར་འཚོ་བཞུགས་གནང་རྒྱུ་དེ་འདི་ནས་གལ་ཆེར་བརྩི་བཞིན་ཡོད་ལ། ང་ཚོས་ཀྱང་དབུས་གཞུང་དང་མངའ་སྡེ་སོགས་ཀྱི་འཕྲོད་བསྟེན་ལམ་སྟོན་བཀའ་རྒྱ་ཇི་ཕེབས་དགོངས་དོན་བཞིན་གངས་ལྗོངས་ཆོས་ལྡན་གླིང་དུ་མི་མང་འདུ་འཛོམས་ཀྱི་བྱེད་སྒོ་ཁག་ཉུང་དུ་བཏང་ཡོད་ཀྱང་། འདས་པའི་ཟླ་ངོ་བཅུའི་རིང་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་དང་ནད་ཡམས་དཀའ་ངལ་རོགས་སྐྱོར་ཆེད་གཤམ་གསལ་ལས་འགུལ་རྣམས་གོ་སྒྲིག་ཞུ་ཐུབ་པ་བྱུང་ཡོད།
དགེ་བཤེས་དང་མཁན་པོ་རྣམས་ཀྱིས་ཞབས་རིམ་འགྲེལ་བརྗོད་དང་དབུ་མཛད་གནང་སྟེ་ནད་ཡམས་ལ་ཕན་པའི་གཟུངས་སྔགས་གསོག་བསྒྲུབ་ཞུས།
-
མི་མང་ཁྱིམ་སྡོད་བཀའ་རྒྱའི་རིང་ལུས་སེམས་ངལ་གསོས་ཆེད་དྲ་ལམ་བརྒྱུད་བསྐོར་གཞས་གོ་སྒྲིག་ཞུས།
-
འཕྲོད་ལས་པ་དང་། རྒན་རྒོན། ཉམ་ཐག་རིགས་བཅས་ལ་གསོལ་ཚིགས་ལྔ་སྟོང་ཙམ་རིན་མེད་བགོ་འགྲེམས་ཞུས།
-
འཕྲོད་ལས་པ་དང་དགོས་མཁོ་ཅན་རྣམས་ལ་ཁ་རས་བརྒྱད་སྟོང་ཙམ་དང་། མགོ་རས་སུམ་སྟོང་ཙམ་རིན་མེད་བགོ་འགྲེམས་ཞུས་དང་ཞུ་མུས་ཡིན།
-
ཁེ་མེད་རོགས་ཚོགས་ Feed-it-Forward དང་མཉམ་འབྲེལ་ཐོག་དགོས་མཁོ་ཅན་ལ་གསོལ་ཚིགས་ཆིག་ཁྲི་ཉིས་སྟོང་ཙམ་བགོ་འགྲེམས་ཞུས་དང་ཞུ་མུས་ཡིན།
-
རང་རིགས་ལོ་ན་རྒན་པ་ཚོར་སྐམ་ཟས་རིགས་ཐེངས་བརྒྱད་ཙམ་བགོ་འགྲེམས་ཞུས་ཡོད།
-
ཏོག་དབྱིབས་ནད་ཡམས་ཀྱིས་མནར་བའི་ནད་པ་ཚོར་བོད་ཀྱི་སྲོལ་རྒྱུན་གསོལ་སྨན་དང་། མོག་མོག ཤིང་ཏོག་བཅས་རང་ཁྱིམ་བར་སྐྱེལ་འགྲེམས་ཞུས།
-
དབྱར་ཁའི་རིང་གཞོན་སྐྱེས་ཚོར་ཟབ་སྦྱོང་དང་། བོད་ཀྱི་གསོལ་ཚིགས་བཟོ་སྟངས་ཀྱི་འཛིན་གྲྭ། རོལ་དབྱངས་སྦྱོང་བརྡར། འཕྲོད་བསྟེན་ལ་ཕན་པའི་ལུས་རྩལ་སོགས་གོ་སྒྲིག་ཞུས་ཡོད།
-
རེས་གཟའ་ཉི་མ་འཆར་ཅན་ཉིན་སེམས་ཁམས་ལ་ཕན་པའི་སྒོམ་སྒྲུབ་སྦྱོང་བརྡར་གྱི་འཛིན་གྲྭ་གོ་སྒྲིག་ཞུས་ཡོད།
-
གཞན་ཡང་གཞོན་སྐྱེས་ཚོར་དམིགས་ནས་ལས་འགུལ་མང་དག་ཅིག་གོ་སྒྲིག་ཞུས།
-
༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་གངས་ལྗོངས་ཆོས་ལྡན་གླིང་དུ་འགྲེམས་སྟོན་ཞིག་གྲ་སྒྲིག་ཞུ་ཐུབ་ཡོད།
ད་ཆར་ཕྱི་ལོ་༢༠༢༠ ལོ་རྫོགས་ལ་ཉེ་བར་ཉིན་གྲངས་ཉི་ཤུ་ལས་ལྷག་མེད་ཅིང་། དེའི་རིང་གངས་ལྗོངས་ཆོས་ལྡན་གླིང་ལ་ཕན་པའི་དཔལ་འབྱོར་བསྡུ་རུབ་ཀྱི་ལས་འགུལ་ཞིག་འགོ་བརྩམ་རྒྱུ་ཡིན་པས། ཚང་མའི་ངོས་ནས་གང་ཐུབ་ཀྱིས་ལོ་རེའི་ཚོགས་དངུལ་གནང་རྒྱུ་དང་། ཚོགས་མི་གསར་འཛུལ། གངས་ལྗོངས་ཆོས་ལྡན་གླིང་གི་སྤྱི་ཚོགས་ལས་འགུལ་དང་རྒྱུན་གྲོན་སོགས་ལ་ཕན་པའི་ཞལ་འདེབས་གང་ནུས་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན། ལས་འགུལ་འདིའི་ཐོག་རྒྱས་པར་མཁྱེན་འདོད་ཡོད་ཚེ་དྲ་ལམ་འདིའི་ཐོག་གཟིགས་ཞིབ་ཡོང་བ་ཞུ། www.tcccgc.org/last20days2020/
ཞལ་འདེབས་ཇི་བྱུང་ལ་གཞུང་ཁྲལ་ལ་ཕན་པའི་བྱུང་འཛིན་འབུལ་རྒྱུ་ཡིན་པ་མཁྱེན།
མཐའ་དོན། ཚང་མའི་སྐུ་གཟུགས་ལ་ཐུགས་འཇགས་དང་ཕྱི་ལོ་གསར་ཚེས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ཕྲན་ཚོགས་གཙོ་ཚེ་རིང་དབང་རྒྱལ་དང་རྒྱུན་ལས་ཐུན་མོང་ནས་ཕྱི་ལོ་ ༢༠༢༠ ཟླ་༡༢ ཚེས་༡༢ ལ་ཕུལ།
Dear community members and our friends of TCCC,
We have kept our “Social Distance”, but we have been closer than ever.
This year has been a very challenging and unprecedented year due to the pandemic for everyone around the world including our community members here in Ontario. However, we are very fortunate to be living in Canada where our Government so far has been making every effort to not only provide financial support to millions of individuals and business to get through this difficult time but has been providing guidance along the way to keep us safe and well.
We hope and pray that you all are doing well and in good spirits. Your health and well-being are our utmost priority and therefore we have been following city, provincial and federal public health guidelines to keep our community safe by keeping the doors of the community centre closed with limited activity.
Over the past 10 months we undertook many pandemic related activities and celebrated year of gratitude to His Holiness the Dalai Lama with many acts of kindness by giving back to the community and beyond. Activites include the following.
- hosted virtual prayer services for multiple weeks to overcome this pandemic
- hosted virtual e-Groshey for 5 months
- delivered over 6,000 meals to hospital staff and the needy
- distributed over 8,000 nonsurgical hats and 12,000 masks – initiative is still ongoing
- partnered with non-profit organization Feed-it-Forward in delivering 12,000 meals in GTA
- distributed groceries to over 120 seniors (6 times)
- home delivery of Tibetan herbal supplement along with momos and fruits to covid-19 patients
- offered programs such as a youth summer camp, cooking classes, music programs, sports skill development programs
- arranged health and wellness activities
- organized mental health programs including meditation
- multiple youth programs to build leadership, mental health, and career development
- launched the photo exhibition depicting a brief biography of His Holiness the 14th Dalai Lama
As the year comes to an end, we are very excited to involve you – launching a fundraising campaign for the “Last 20 days of 2020”. We encourage each and every one of you to support the centre in whatever capacity. With these funds, our organization will be able to cover operating costs and will help sustain the centre until we get back to normal again. Income Tax deductible receipts will be issued for all donations.
To find out more about how you could make a difference, click on our fundraising link below:
Please share this with your friends and colleagues and encourage them to support this genuine fundraising effort.
With best wishes for the New Year. Be Safe and Stay Well.
Tsering Wangyal
President & Board
Tibetan Canadian Cultural Centre
40 Titan Rd,
Etobicoke, ON
M8Z 2J8