Sat May 23, 2020
བཀའ་འགྱུར་དག་སྒྲོག TCCC Annual Kagyur Reading
Gangjong Choedenling 2020 Annual Kagyur Reading – Saga Dawa Starts Today – The most important month in the Tibetan lunar calendar is Saga Dawa, the 4th lunar month which runs from May 23rd up until June 22nd, 2020. The 15th day of this lunar month, the full moon day, is called Saga Dawa Düchen (Düchen means “great occasion”). In 2020, Saga Dawa Düchen falls on Friday, June 5th. This day is the single most important holy day of the year for Tibetan Buddhists.
༄༅། །ས་གནས་ཀྱི་བཀུར་འོས་སྐྱབས་གནས་དགེ་འདུན་རྣམས་དང་མི་མང་ཡོངས་ལ། ཞུ་གསོལ། དགོངས་མངའ་བཞིན་ལོ་ལྟར་གངས་ལྗོངས་ཆོས་ལྡན་གླིང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ནང་པའི་སྐྱེས་ཆེན་བླ་སྤྲུལ་གང་ན་སུ་བཞུགས་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པ་དང་། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་ཞིང་སྤྱི་སྒེར་གཉིས་ཀྱི་བསོད་ནམས་ཀྱི་ཚོགས་གསོག་སླད། ལོ་ལྟར་ས་ཟླའི་རིང་དགེ་འདུན་པ་དང་མི་མང་རྒྱས་འཛོམས་ཆེན་པོའི་སྒོ་ནས་༸རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་སྒྲོག་གནང་མུས་ཡིན་ཀྱང་། འདི་ལོར་ནད་ཡམས་ཀྱིས་རྐྱེན་པས་སྔར་ལྟར་གོ་སྒྲིག་ཞུ་རྒྱུ་དཀའ་བར་བརྟེན། གཞུང་གི་ལམ་སྟོན་བརྩི་སྲུང་ཐོག་དགེ་འདུན་ ༦ གདན་ཞུས་ཀྱིས་བཀའ་འགྱུར་དག་སྒྲོག་ཞུ་རྒྱུའི་ལས་འཆར་གཤམ་གསལ་ལྟར་ཡིན་པས་དགོངས་འཇགས་ཡོང་བ་ཞུ་རྒྱུ་དང་། འདི་དང་ཆབས་ཅིག་ཉེ་སྔོན་དགེ་བཤེས་བྱམས་པ་ཚེ་རིང་མཆོག་གིས་སྣེ་ཁྲིད་པའི་དྲ་ལམ་ཞབས་རིམ་གསོག་སྒྲུབ་ཀྱི་ལས་རིམ་དེ་བཞིན་དེ་རིང་ནས་མཇུག་སྒྲིལ་བ་ཡིན་པས་དགེ་བཤེས་ལགས་ལ་ཐུགས་རྗེ་ཤིན་ཏུ་ཆེ་ཞུ་རྒྱུ་ཡིན།
འགོ་འཛུགས་དུས་ཡུནཿ ༢༠༢༠ ཟླ་ ༥ ཚེས་ ༢༣ རེས་གཟའ་སྤེན་པ་ཉིན་དབུ་འཛུགས་ཀྱིས་བོད་ཚེས་ ༡༥ བར་ཡིན།
དུས་ཚོདཿ ཞོགས་པ་ཕྱག་ཚོད་ ༡༠ ནས་ཕྱི་དྲོ་ཕྱག་ཚོད་ ༥ བར།
ཚོགས་ཡུལཿ གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་ཁང་ཆེན་མོ།
དགེ་འདུན་རྣམས་ལ་སྐུ་ཡོན་དང་སྣུམ་འཁོར་གོ་སྒྲིག་ཞུ་རྒྱུ་ཡིན།
བསྙེན་བཀུར་གནང་མཁན་ཚོར་རྗེས་སུ་ཡི་རངས་ཞུ་རྒྱུ་དང་གཤམ་གསལ་གནས་ཚུལ་རྣམས་དགོངས་འཇགས་མཁྱེན།
ཉིན་འཁྱོངས་སྦྱིན་བདགཿ ཁེ་སྒོར་༣༠༠
ཉིན་གུང་གསོལ་ཚིགསཿ ཁེ་སྒོར་ ༢༠༠
གསོལ་ཇ་བཞེས་ཏོགཿ ཁེ་སྒོར་ ༡༠༠
ཞལ་འདེབས་གནང་འདོད་ཡོད་རིགས་ནས་ཞལ་པར་ཨང་ ༤༡༦ ༤༡༠ ༥༦༠༦ ཐོག་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ།
གཞན་ཡང་www.tcccgc.org/donate-2 ཡང་ན་Etransfer: payment@tcccgc.org རྒྱུད་ཞལ་འདེབས་གནང་འཐུས།
གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་གཙོ་རྒྱུན་ལས་དང་ཆོས་ཕྱོགས་དང་བླངས་ཚོགས་ཆུང་ཐུན་མོང་ནས་ཕུལ།

