• Tibetan Canadian Cultural Centre
  • 416-410-5606
  • info@tcccgc.org
logo2logo2logo1logo1
  • Home
  • About Us
    • Introduction
    • Vision & Mission
    • Committees
      • IT Committee
      • Renovation Committee
      • Religious Committee
    • Board Members
      • Current Board Members (2023 – 2025)
      • Past Board Members
  • Facility Rentals
    • Facility Rentals
    • Facility Booking
  • Project
    • Get Involved
    • Defining the vision
    • Building our future
  • School
  • Contact us
    • Contact
    • Membership
  • Become a Member!
Donate
✕

ELECTION COMMITTEE OF TIBETAN COMMUNITY IN ONTARIO – (ECTCO-2019)

ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་འོས་བསྡུ་ཚོགས་ཆུང་གི་གསལ་བསྒྲགས། 

ས་གནས་བོད་རིགས་མི་མང་རྣམ་པ་ལྷན་རྒྱས་ལ་དྲན་བསྐུལ་དང་བརྡ་ལན་འབུལ་རྒྱུ་ཞིག་ལ།  ཕྱི་ལོ་༢༠༡༩ ཕྱི་ཟླ་༧ ཚེས་༣༡ཉིན་ཁེ་ཎ་ཌ་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་དང་།  ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ད་ལྟའི་ཚོགས་གཙོ་དང་རྒྱུན་ལས་རྣམས་ཀྱི་ལས་དུས་རྫོགས་ཀྱི་ཡོད་པར་བརྟེན།    འདི་ག་ས་གནས་འོས་བསྡུ་ཚོགས་ཆུང་ནས།   ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་ཐེངས་༢༣ པ་དང་།  ཁེ་ཎ་ཌ་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གི་ཚོགས་གཙོ་དང་རྒྱུན་ལས་ཐེངས་ ༡༠ པའི་འོས་དམིགས་ཐོ་འགོད་ཞུ་རྒྱུའི་ལས་རིམ་དེ་བཞིན།   ཕྱི་ལོ་༢༠༡༩ ཕྱི་ཟླ་༤ ཚེས་༡༥ ཉིན་གསལ་བསྒྲགས་ཞུ་རྒྱུ་ཡིན།  འོས་དམིགས་འདེམས་བསྒྲུག་གནང་རྒྱུ་དང་།   དངོས་གཞིའི་འོས་ཤོག་འཕེན་པར་ཆ་རྐྱེན་གལ་ཆེ་ཤོས་དོ་བདག་སོ་སོའི་བོད་མིའི་དཔྱ་ཁྲལ་ལག་དེབ་དང་།   ཁེ་ཎ་ཌ་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གི་ཚོགས་མིའི་ལག་ཁྱེར་དེ་དག་ཆད་མེད་འབུལ་བཞིན་པ་ཞིག་ངེས་པར་དུ་དགོས།

ཚོགས་གཙོ་འོས་འདེམས་གནང་རྒྱུའི་དུས་ཡུན།   ཕྱི་ལོ་༢༠༡༩ ཕྱི་ཟླ་༤ ཚེས་༡༥ ནས།  ཕྱི་ཟླ་༥ ཚེས་༡༢ བར།

བོད་རིགས་མི་མང་ལྷན་རྒྱས་ལ་ཕྱི་ལོ་༢༠༡༩ ཕྱི་ཟླ་༤ ཚེས་༡༥ ནས།  ཕྱི་ཟླ་༥ ཚེས་༡༢ བར་ཚོགས་གཙོའི་འོས་དམིགས་འདེམས་བསྒྲུག་གནང་རྒྱུའི་གོ་སྐབས་ཡོད།   འོས་དམིགས་འགེངས་ཤོག་རྣམས་དྲ་རྒྱའི་ཁ་བྱང་ (www.TCCCGC.ORG.)ཐོག་ནས་བཞེས་རྒྱུ་ཡོད་པ་མ་ཟད།   འགེངས་ཤོག་ནང་བཀོད་པའི་ས་ཁུལ་ སོ་སོ་ནས་བཞེས་རོགས་གནང་།   འགེངས་ཤོག་ནང་བཀོད་པའི་དོན་གནད་རྣམས་ཆད་ལུས་མེད་པར་ལེགས་པར་བཀང་སྟེ་ཁ་བྱང་ (tenzinkhedup66@gmail.com)ཐོག་གློག་འཕྲིན་གཏོང་གནང་ཡོད་པ་དང་།   ཡང་ན།  ས་ཁུལ་ཁག་ཏུ་བཞག་པའི་འོས་སྒམ་ནང་བླུག་རོགས་གནང་།  གང་ཟག་སུ་འདྲ་ཞིག་ཨོན་ཊེ་རི་ ཡོ་བོད་རིགས་སྤྱི་མཐུན་ཚོགས་པ་དང་ཁེ་ཎ་ཌ་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གི་ཚོགས་གཙོའི་འོས་དམིགས་ནང་འདེམས་བསྒྲུག་མ་གནང་གོང་གང་ཟག་དེ་དང་དེ་ས་དམིགས་དེར་ཞུགས་ཏེ་ཕྱག་ལས་གནང་གི་ཡིན་པའི་ངོས་ལེན་ཡོད་ཚུལ་སྐོར་འོས་དམིགས་འགེངས་ཤོག་ནང་གསལ་པོ་བཀོད་དགོས།  གལ་ཏེ་འོས་དམིགས་འདེམས་བསྒྲུགས་བྱས་པའི་གང་ཟག་དེས་ངོས་ལེན་ཡོད་ཚུལ་གསལ་པོ་བཀོད་མེད་ན།   དེ་ལྟ་བུའི་འོས་དམིགས་དེ་བརྩིས་མེད་གཏོང་རྒྱུ་ཡིན།

 རྒྱུན་ལས་གྲངས་བཅུ་བཞི་འོས་འདེམས་གནང་རྒྱུའི་དུས་ཡུན།   ཕྱི་ལོ་༢༠༡༩ ཕྱི་ཟླ་༥ ཚེས་༡༥ ནས། ཕྱི་ཟླ་༦ ཚེས་༡༥ བར།

ཚོགས་གཙོའི་འོས་དམིགས་འདེམས་བསྒྲུགས་གནང་གྲུབ་པའི་རྗེས་སུ་ཕྱི་ལོ་༢༠༡༩ ཕྱི་ཟླ་༥ ཚེས་༡༥ ནས། ཕྱི་ལོ་༢༠༡༩ ཕྱི་ཟླ་༦ ཚེས་༡༥ བར་ཚོགས་པའི་རྒྱུན་ལས་ཚོའི་འོས་དམིགས་འདེམས་བསྒྲུག་གནང་རྒྱུའི་གོ་སྐབས་ཡོད།   འོས་དམིགས་འགེངས་ཤོག་རྣམས་དྲ་རྒྱའི་ཁ་བྱང་ (www.TCCCGC.ORG.) ཐོག་ནས་ བཞེས་རྒྱུ་ཡོད་པ་མ་ཟད།   འགེངས་ཤོག་ནང་བཀོད་པའི་ས་ཁུལ་སོ་སོ་ནས་བཞེས་རོགས་གནང་།   འགེངས་ཤོག་ནང་བཀོད་པའི་དོན་གནད་རྣམས་ཆད་ལུས་མེད་པར་ལེགས་པར་བཀང་སྟེ་ཁ་བྱང་ (tenzinkhedup66@gmail.com)ཐོག་གློག་འཕྲིན་གཏོང་གནང་ཡོད་པ་དང་།   ཡང་ན།   ས་ཁུལ་ཁག་ཏུ་བཞག་པའི་འོས་སྒམ་ནང་བླུག་རོགས་གནང་། གང་ཟག་སུ་འདྲ་ཞིག་ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པ་དང་ཁེ་ཎ་ཌ་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གི་རྒྱུན་ལས་ཀྱི་འོས་དམིགས་ནང་འདེམས་བསྒྲུག་མ་གནང་གོང་གང་ཟག་དེ་དང་དེ་ས་དམིགས་དེར་ཞུགས་ཏེ་ཕྱག་ལས་གནང་གི་ཡིན་པའི་ངོས་ལེན་ཡོད་ཚུལ་སྐོར་འོས་དམིགས་འགེངས་ཤོག་ནང་གསལ་པོ་བཀོད་དགོས།    གལ་ཏེ་འོས་དམིགས་འདེམས་བསྒྲུགས་བྱས་པའི་གང་ཟག་དེས་ངོས་ལེན་ཡོད་ཚུལ་གསལ་པོ་བཀོད་མེད་ན།  དེ་ལྟ་བུའི་འོས་དམིགས་དེ་བརྩིས་མེད་གཏོང་རྒྱུ་ཡིན།

དངོས་གཞི་འོས་ཤོག་འཕེན་རྒྱུའི་དུས་ཚེས་ནི།  ཕྱི་ལོ་༢༠༡༩ ཕྱི་ཟླ་༧ ཚེས་༦ རེས་གཟའ་སྤེན་པ་ཉིན་ཡིན།

ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་ཐེངས་༢༣ པ་དང་།  ཁེ་ཎ་ཌ་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གི་ཚོགས་གཙོ་དང་རྒྱུན་ལས་ཐེངས་༡༠ པའི་དངོས་གཞིའི་འོས་བསྡུ་དང་བསྐོ་བཞག་གནང་རྒྱུ་དེ་བཞིན་འདི་ག་ཁྲོ་རོན་ཁྲོ་ས་གནས་གངས་ལྗོངས་ཆོས་ལྡན་གླིང་དུ་ཕྱི་ལོ་༢༠༡༩ཕྱི་ཟླ་༧ ཚེས་༦ རེས་གཟའ་སྤེན་པའི་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་བརྒྱ་ལྔ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་ཉིན་དེར་ཞུ་རྒྱུ་ཡིན།   དེ་འདྲ་སོང་ཙང་རྣམ་པ་ཚོ་ཚང་མས་ཁྲོ་རོན་ཁྲོར་གནས་སྡོད་བོད་རིགས་སྤུན་ཟླ་ཚང་མར་བརྡ་ལན་ཆད་ལུས་མེད་པར་གནང་སྐྱོང་ཡོད་པ་དང་།   སྐབས་དེར་ང་ཚོས་བོད་མི་གང་མང་ཕེབས་ཐུབ་པའི་རེ་བ་ཞུ་ཡི་ཡོད།   ཐུགས་རྗེ་ཆེ།།

PRESIDENT FORM – CLICK HERE

Share

Related posts

December 24, 2021

The 14th anniversary of the US congressional Gold Medal


Read more
October 26, 2021

Public blessing & virtual talk by His Holiness the 41st Sakya Gongma Trichen Rinpoche


Read more
September 8, 2021

Gym Schedule – OCTOBER 2021


Read more

Events

    Support the 2025 TCCC Summer School – Help Us Reach Our $8,500 Goal!

    2025-07-08
    40 Titan Rd, Etobicoke
    Camp, Trip, or Retreat

    ༄༅།། སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་ལྷན་༧རྒྱལ་བའི་ཕྱག་དེབ་གསར་པ” བོད་དང་བོད་མིའི་མགྲིན་ཚབ་ཐོག་གླེང་མོལ།

    2025-06-01
    40 Titan Rd, Etobicoke
    #Free

    MUSICAL NIGHT CONCERT

    2025-04-25
    40 Titan Rd, Etobicoke
    #Paid
If you are interested in Help , do not wait and ACT NOW!

Contact info

40 Titan Rd
Etobicoke
Canada
(416) 410-5606
info@tcccgc.org

Opening hours


Wednesday – Sunday: 1000 – 600
Monday & Tuesday – Closed

Useful Links

  • Become a Member!
  • Programs and Services
  • Renovation Campaign
  • Youth Zone
  • Volunteer
Tibetan Canadian Cultural Centre
Donate
  • Tibetan Canadian Cultural Centre
  • 416-410-5606
  • info@tcccgc.org