ཁེ་ན་ཌ་ས་གནས་ཚོགས་པ་ཆེ་ཁག་ལྔས་དཔའ་བོ་དོན་འགྲུབ་དབང་ཆེན་ལགས་ཁེ་ན་ཌ་རུ་གདན་ཞུས་དང་སྟབས་བསྟུན་ནས། དེ་རིང་མངའ་སྡེའི་གྲོས་ཚོགས་འཐུས་མི་བུ་ཁྲིད་ལགས་དཀར་པོ་ཆེས་དཔའ་བོ་དོན་འགྲུབ་དབང་ཆེན་གྲོས་ཚོགས་ནང་དུ་གདན་ཞུས་དང་སྦྲགས་ནས་ཁོང་གི་སྐོར་ལ་གཏམ་བཤད་གནང་སོང་ལ། གྲོས་ཚོགས་ཀྱི་ཚོགས་གཙོ་ལགས་ཀྱིས་དམིགས་བསལ་དགའ་ཚོར་གྱིས་ཐུག་འཕྲད་དུ་ཚུར་ཕེབས་པར་མ་ཟད་གྲོས་ཚོགས་འཐུས་མི་མང་ཚོགས་ཀྱིས་དགའ་བསུ་ཤུགས་ཆེན་གནང་སོང་། ད་དུང་དེ་བཞིན་བུ་ཁྲིད་ལགས་ནས་ལེགས་གསོལ་གཟེངས་རྟགས་དང་ཉིན་གུང་ཞལ་ལག་གཏང་བ་སོགས་སྣེ་ལེན་ཟབ་རྒྱས་གནང་སོང་བས། ཁོང་ལ་ཚོགས་པ་ལྔའི་ངོས་ནས་དམིགས་བསལ་ཐུགས་རྗེ་ཆེ་ཞུ་གི་ཡོད།
Deputy speaker of Ontario legislative assembly Bhutila Karpoche Welcomed Mr. Dhondup wangchen la to the parliament and introduced him in the parliament session. Bhutila Karpoche organized Parliament Tour and Hosted Lunch for Dhondup Wangchen la.