༄༅། །བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་སྦྱོང་ཐབས་ཀྱི་ཟབ་སྦྱོང་།

ངེད་སློབ་གཉེར་ཁང་གི་དགོས་དམིགས་གཞིར་བཟུང་། འདི་གའི་དོན་གཉེར་ཅན་གྱི་སློབ་གཉེར་བ་རྣམ་པར། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ངོ་སྤྲོད་དང་འབྲེལ་ཏེ། དཔེ་སྟོན་འབྲི་ཐབས་ཀྱི་ཟབ་ཁྲིད་ཅིག་དུས་ཀྱི་དགོས་མཁོར་མཐོང་སྟེ་རྒྱུགས་དུས་སོ་སོར་ཐེངས་རེར་གོ་སྒྲིག་ཞུ་འཆར་ཡོད་པ་གཞི་བཟུང་། ད་ཐེངས་རྒན་བློ་བཟང་དབང་འདུས་ལགས་དང་། རྒན་ཚེ་དབང་ནོར་བུ་ལགས། རྒན་བསྟན་འཛིན་དབྱངས་འཛོམས་ལགས་བཅས་ནས་དབུ་ཁྲིད་པའི་ཐོག བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་སྦྱོང་ཐབས་ཟབ་སྦྱོང་དངོས་གཞི་དེ། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༤ འགོ་ཚུགས་ཏེ་ཟླ་བ་གཉིས་རིང་ཁྱོན་ཆུ་ཚོད་ ༧ ཟབ་ཁྲིད་གོ་སྒྲིག་ཞུ་གཏན་འཁེལ་བ།བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་སྦྱོང་ཐབས་ཀྱི་ཟབ་སྦྱོང་།