༄༅། །གངས་ལྗོངས་བོད་ཀྱི་སྐད་དང་རིག་གཞུང་སློབ་གྲྭས་འདི་གའི་སློབ་ཁང་གི་གཞོན་སྐྱེས་རྣམས་ལ་དམིགས་བསལ་ཟབ་འཁྲིད་ལས་གཞི།

༄༅། །ངེད་སློབ་གཉེར་ཁང་གི་དགོས་དམིགས་གཞིར་བཟུང་། འདི་གའི་བོད་རིགས་ན་གཞོན་ཚོའི་ཆེད་དུ་བོད་ཀྱི་གཙུག་ལག་རིག་པའམ། བོད་དང་བོད་བརྒྱུད་ནང་བསྟན་རིག་པའི་ཆུ་ཚད་གོང་མཐོར་གཏོང་ཐབས་ཆེད། རྒྱུགས་དུས་སོ་སོར་དེ་འབྲེལ་བརྗོད་གཞི་འདྲ་མིན་ཐོག ཟླ་རེའི་ཟབ་ཁྲིད་ལས་རིམ་ཞིག་འདི་གའི་སློབ་གཉེར་ཁང་ནས་སྤེལ་འཆར་ཡོད་པ་བཞིན། ད་ཐེངས་དེའི་ཚོད་ལྟའི་ཆེད་རང་རེ་སློབ་གཉེར་ཁང་གི་གཞོན་ནུའི་རུ་ཁག་ལ། འདི་ལོའི་ཕྱི་ཟླ་བཞི་པའི་ཚེས་ ༧ ནས་འགོ་བརྩམས་ཏེ་ཟླ་བ་གཅིག་རིང་། སློབ་གཉེར་བ་རྣམས་ནས་བདམས་གནང་བའི་བོད་ཀྱི་ལོ་རྒྱུས་ངོ་སྤྲོད་ཅེས་པའི་བརྗོད་གཞིའི་ཐོག ཟབ་ཁྲིད་ཅིག་གོ་སྒྲིག་ཞུ་གཏན་འཁེལ་བ།

Read more