28th Anniversary of H.H. The Dalai Lama’s Nobel Peace Prize Ceremony-DECEMBER 16, 2017

༄༅།། ལོ་ལྟར་གངས་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གིས་གོ་བསྒྲིག་འོག་༧གོང་ས་ལྷ་མིའི་རྣམ་འདྲེན་༧སྤྱི་ནོར་གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་འཛམ་གླིང་ཞི་བདེའི་དེད་དཔོན་དུ་གཟེངས་བསྟོད་མངའ་གསོལ་གྱིས་ནོལ་ལྦེལ་ཞི་བདེའི་རྟགས་དགྱེས་བཞེས་མཛད་པའི་ལོ་འཁོར་དུས་ཆེན་སྲུང་བརྩི་གནང་དང་གནང་མུར་ལྟར་འདི་ལོའང་ཕྱི་ཟླ་ ༡༢ བའི་ཚེས ༡༦ རེས་གཟའ་སྤེན་པའི་ཉིན་གངས་ལྗོགས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་ཚོགས་ཁང་ཆེན་མོའི་ནང་ས་གནས་བོད་རིགས་མི་མང་མཉམ་འཛོམས་ཀྱིས་གངས་ལྗོངས་ཆོས་ལྡན་གླིང་གི་སློབ་ཕྲུག་ཚོ་དང་། གཞན་ཡང་བོད་རིགས་ཚོགས་སྐྱིད་ཁག་སོ་སོས་བོད་མི་རིགས་ཀྱི་མཐུན་མོང་མ་ཡིན་པའི་གཞས་དང་ཞབས་བྲོ་སྣ་ཚོགས་གཟིགས་འབུལ་གྱིས་༧རྒྱལ་བའི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་དུས་ཆེན་སྲུང་བརྩི་ཞུ་གཏན་ཁེལ་སོང་པར་གཤམ་གསལ་བརྡ་ཁྱབ་ནང་གསལ་ལྟར་མི་མང་གང་མང་ངེས་ཕེབས་ཡོང་བ་ཞུ་རྒྱུ་གསལ་བསྒྲགས་སུ།