ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༣ ཚེས་ ༩ རེས་གཟའ་ཉི་མའི་ཐོ་རེངས་ཀྱི་སྐབས་དེར་རྐྱེན་ངན་ཚབས་ཆེན་བྱུང་བའི་ཧ་ཅང་ཡིད་སྐྱོའི་གནས་ཚུལ་གོ་ཐོས་ཀྱིས་འདི་ག་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་པའི་རྒྱུན་ལས་རྣམས་ཧ་ཅང་བློ་ཕམ་ཚད་མེད་བྱུང་།རྐྱེན་ངན་དེའི་ནང་འདས་གྲོངས་སོང་བ་དང་། རྨས་སྐྱོན་བྱུང་བའི་བོད་མི་དེ་གཉིས་ཀྱི་ནང་མི་སྤུན་མཆེད་རྣམས་ལ་འདི་གའི་རྒྱུན་ལས་རྣམས་ནས་སེམས་ཚོར་ཆེན་པོའི་སྒོ་ནས་ཐུགས་གསོ་དང་། གདུང་སེམས་མཉམ་བསྐྱེད་ཞུ་ཡི་ཡོད།
གདུགས་རྩུབ་ཅན་གྱི་དྲག་སྤྱོད་དེ་ལ་བརྟེན་ནས་རང་རེའི་བོད་མི་གཞོན་སྐྱེས་ཤིག་གི་གཅེས་པའི་སྲོག་དོན་མེད་དོར་དགོས་བྱུང་བར་བརྟེན། དེ་ལྟ་བུའི་ཆེས་གདུགས་རྩུབ་ཅན་གྱི་དྲག་སྤྱོད་ལ་རང་རེ་ཚང་མས་མཐའ་གཅིག་ཏུ་ངོ་རྒོལ་དང་དམའ་འབེབས་ཞུ་ཡི་ཡོད།
དེ་འདྲ་སོང་ཙང་གོང་གི་གནས་ཚུལ་འདིའི་སྐོར་མིག་མཐོང་ལག་ཟིན་མཁྱེན་མཁན་སུ་ཡོད་རུང་། སྦས་གསང་མེད་པར་ཐད་ཀར་ས་གནས་ཉེན་རྟོག་པར་ལན་གསལ་པོ་བྱས་ནས་ངེས་པར་དུ་གནང་སྟེ་མཐུན་འགྱུར་རོགས་རམ་གནང་དགོས།
གནས་ཚུལ་མཁྱེན་རྟོགས་ཡོད་རིགས་ནས། སོ་སོའི་མཚན་མ་གསུངས་པར་གསང་བའི་ཐོག་ནས་ཉེས་ཅན་བཀག་འགོག་ལས་ཁུངས་ཀྱི་ཁ་པར་ཨང་གྲངས་ ༤༡༦-༢༢༢-༨༤༧༧ དང་། ཉེས་ཅན་ཞིབ་འཇུག་ལས་ཁུངས་ཀྱི་ཁ་པར་ཨང་གྲངས་ ༤༡༦-༨༠༨-༢༢༠༠ ཐོག་དེའི་སྔ་དྲོ་གནས་ཚུལ་ངོ་མ་ཇི་བྱུང་གསལ་པོ་བྱས་ནས་ངེས་པར་གསུང་རོགས་གནང་ཞེས་ནན་པོ་བྱས་ནས་འབོད་བསྐུལ་ཞུ་ཡི་ཡོད།།